ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་བྱེད་རིང་།
དང་པོ། གཉེན་དང་ཉེ་དུ་སོགས་ཀྱི་ནང་དུ་མི་འགྲོ་བ། འདུ་འཛོམས་མི་བྱེད་པ། གང་སར་མི་འགྲོ་བ་བཅས་བྱ་དགོས།
གཉིས་པ། གྲོགས་པོ་སོགས་ངོ་ཤེས་དང་འཕྲད་དུས་སྐད་ཆའི་འཚམ་འདྲི་སོགས་བྱེད་པ་ལས་ལག་འཇུ་བྱ་མི་རུང་།
གསུམ་པ། ཁ་པར་གཏོང་བ་དང་འཕྲིན་ཐུང་སྐུར་བ། སྐད་འཕྲིན་ལས་བརྡ་གཏོང་བ་སོགས་བྱེད་པ་ལས་གཞན་གྱི་ནང་དུ་འགྲོ་མི་རུང་།
བཞི་བ། ཡུལ་སྐོར་དུ་སྐྱོད་པ་སོགས་ཕྱི་ཕྱོགས་སུ་མི་འགྲོ་བ་དང་སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ནང་འདུག་མི་རུང་།
ལྔ་བ། ཚོང་རྭ་དང་སྒོ་རྩིས་ཚོང་རྭ། གློག་བརྙན་ཁང་། དགོན་སྡེ་སོགས་མི་མང་འདུ་སར་འགྲོ་མི་རུང་།
དྲུག་པ། ཕྱི་ཕྱོགས་སུ་སྐྱོད་དུས་རང་ཉིད་ལ་སྔོན་འགོག་ལེགས་པོ་བྱས་ཏེ། མི་ཚོགས་འདུ་སར་ངེས་པར་དུ་ཁ་རས་རྒྱག་དགོས།
བདུན་པ། ཕྱི་ནས་ནང་དུ་ལོག་མ་ཐག་ལག་པ་དང་ཁ་སྣ་སོགས་གཙང་མར་བཀྲུས་ནས་ལག་པ་དང་དབུགས་ལམ་འཕྲོད་བསྟེན་ལ་རྒྱུན་འཁྱོངས་བྱ་དགོས།
བརྒྱད་པ། ཁྱིམ་ཚང་གི་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ། ལག་པ་བཀྲུ་བ་དང་ཁང་པའི་ནང་དུ་མཁའ་དབུགས་རྒྱུ་བར་བྱས་ནས། རང་འགུལ་གྱིས་བདེ་ཐང་ལ་ལྟ་བཤེར་དང་རྒྱུན་དུ་གཟུགས་པོའི་དྲོད་ཚད་མཇལ་དགོས།
དགུ་བ། ཁོར་ཡུག་གི་འཕྲོད་བསྟེན་ལ་གཅེས་སྐྱོང་དང་། སྡོད་ཁང་གི་ཟུར་སོགས་ཀྱི་གད་དོར་གཙང་མ་བྱས་ཏེ་མི་གཙང་བ་དུས་ལྟར་མར་གཡུག་དགོས།
བཅུ་བ། སྒོ་ཕྱུགས་སོགས་དང་རྒྱང་དུ་གྱེས་དགོས་ཤིང་མཚོ་འབུ་དང་སྲོག་ཆགས་ཀྱི་ཤ་ཟ་མི་རུང་།
བཅུ་གཅིག བོད་དུ་ཡོང་བ་དང་བོད་དུ་ལོག་མཁན་རྣམས། འཕྲལ་མར་སོ་སོའི་ཚན་པ་དང་གྲོང་ཚོའི་ཨུ་ལྷན་ཁང་ལ་ཡར་ཞུ་བྱེད་དུ་འགྲོ་དགོས་ཤིང་། རང་འགུལ་གྱིས་སོ་སོའི་ནང་དུ་འདུག་དགོས། གལ་ཏེ་ཚ་བ་རྒྱག་པ་དང་གློ་ལུ་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ་དུས་ཐོག་ཏུ་༡༢༠ལ་ཁ་པར་བཏང་ནས་སྨན་ཁང་དུ་འགྲོ་དགོས་པ་དང་། སྨན་པར་བསྟེན་སྐབས་ངེས་པར་དུ་ས་ཆ་གང་ནས་ཡོང་བ་དང་ས་ཆ་གང་དུ་སོང་བ་སོགས་ཀྱི་གནས་ཚུལ་སྦ་གསང་ ཅི་མང་མེད་པར་དྲང་པོར་སྨྲ་དགོས།
བཅུ་གཉིས། ཚན་རིག་དང་མཐུན་པའི་ཐོག་ནས་ནད་ཀྱི་གནས་ཚུལ་ལ་བལྟ་བ་ལས། དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་གཞན་ལ་མི་བསྒྲག་པ་བཅས་བྱ་དགོས།
我们倡议
新型冠状病毒感染的肺炎疫情防控期间:
一、不走亲访友,不集会聚餐,减少人员流动。
二、打招呼时不握手,点点头、拱拱手。
三、打电话、编短信、发微信拜年,不上门拜年。
四、不外出旅游,减少乘坐公共交通工具。
五、不到商场、超市、影院、寺庙等人员密集场所活动。
六、外出时做好个人防护,去到公共场所必须佩戴口罩。
七、外出回家后,及时洗手、洗鼻,保持手部和呼吸道卫生。
八、注重家庭卫生,勤洗手,常通风,主动做好健康监测,经常测量体温。
九、爱护环境卫生,经常清理卫生死角,及时清运积存垃圾。
十、远离畜禽,不食野味。
十一、来藏返藏后,第一时间向所在单位或村(居)委会报告,一律按规定主动居家隔离。出现发热、咳嗽症状,第一时间拨打120,并到定点医院就诊,就诊时要如实告知在武汉等地旅居史。
十二、科学理性看待疫情,不造谣、不信谣、不传谣。
西藏自治区新型冠状病毒感染肺炎疫情
联防联控领导小组办公室
2020年1月28日