尊敬的学生家长:
新年伊始,新冠肺炎疫情汹涌来袭,我们同全国各族人民一道,度过了一个漫长而特殊的假期。阳光总在风雨后,在党中央的坚强领导下,疫情已经得到了有效控制。目前,按照西藏、陕西两省区党委、政府和教育主管部门疫情防控工作部署要求,在广大家长的积极配合和大力支持下,学校已经有序安排学生们分期分批错峰返校复学。初夏时节的民大校园恢复了往日的生机和活力,教育教学呈现井然有序的和谐氛围,我们一起打赢了疫情防控的攻坚战,取得了疫情防控和返校复学的阶段性“双胜利”。截止目前,学校师生均健康安全。
这些成绩的取得,离不开各位家长的密切配合,感谢你们在这场全民抗击新冠肺炎疫情的特殊战役中,主动与我们并肩守望、共同担当,教育学生科学防疫,呵护学生身心健康,激发学生爱国情怀,指导学生长进学业。感谢你们长期以来对学校教育教学、服务管理工作的充分理解、倾力支持和积极配合。
为确保返校复学后每一位学子的健康安全,学校制定了《37266威尼斯官网防控新冠肺炎疫情学生健康管理制度》,严格执行封闭式管理。学校严格执行国务院、教育部常态化疫情防控工作指标要求,对宿舍、食堂、教室、办公室、图书馆等所有公共区域进行消毒作业、晨午晚检体温测试、进入公共区域体温检测,严格执行“一米线”安全间距,单人单桌单向就坐;学校完善疫情防控应急预案等“四案九制”制度体系,对于体温异常等突发情况,做到早发现早隔离;学校采取错班分批上课,控制课堂人数,取消一切不必要的人员聚集活动;学校在若干公共区域新增洗手台,给每位同学发放洗手液、口罩等防护用品。
疫情当前,人人都不是旁观者。为了进一步保障师生生命安全和身体健康,确保学生们健康顺利,希望家长们能够继续支持、积极配合学校开展如下工作:
请家长们教育提醒已返校学生,在宿舍中做到勤通风、勤洗手、常消毒;配合学校各公共场所的体温检测、保持一米安全间距;在人员密集处或封闭场合必须严格佩戴口罩。
请家长们教育提醒未返校学生,继续遵守所在地疫情防控工作要求做好自身防护,按照学校线上教学工作安排,自觉完成学习任务。
请家长们与学校一道,共同关爱学生心理健康,教育引导学生们保持积极向上的良好心态,正确认识疫情,科学应对疫情。
请各位家长放心,学校将继续做好各项工作,以严谨的态度、饱满的热情,为孩子们营造卫生、健康、温馨、和谐的学习生活环境和校园氛围。
祝您和家人身体健康,工作顺利,扎西德勒!
37266威尼斯官网学生工作处
共青团37266威尼斯官网委员会
2020年5月28日
སློབ་མའི་ཁྱིམ་བདག་ལ་སྤྲིངས་པའི་ཕྱག་ཡིག་ཅིག
བཀུར་འོས་པའི་སློབ་མའི་ཁྱིམ་བདག་རྣམས་པ།
ལོ་གསར་པའི་ནང་། ཏོག་གསར་ནད་དུག་གི་རྐྱེན་པས། ང་ཚོས་རྒྱལ་ཡོངས་མི་དམངས་དང་ལྷན་དུ་དུས་ཡུན་རིང་བའི་དམིགས་གསལ་གྱི་གུང་གསེང་ཞིག་བསྐྱལ་ཡོད། དྲོ་འཇམ་གྱི་ཉི་འོད་ནི་ཆར་རླུང་གི་རྗེས་སུ་གནས་པ་བཞིན། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག རིམས་ནད་ཚོད་འཛིན་གྱི་ལས་དོན་ལ་དགའ་འོས་པའི་འབྲས་བཟང་ཐོབ་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། བོད་རང་སྐྱོང་ལྗོངས་དང་། ཧྲན་ཤི་ཞིང་ཆེན་གཉིས་ཀྱི་ཏང་ཨུད་དང་། སྲིད་གཞུང་། སློབ་གསོ་གཙོ་གཉེར་སྡེ་ཁག་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་བླང་བྱ་གཞིར་བཟུང་དང་། ཁྱིམ་བདག་རྣམས་པའི་ཕྱར་བ་གྲུ་འདེགས་ཀྱི་ཕྱག་རོགས་འོག མིག་སྔར། ངེད་སློབ་གྲྭ་ནས་གོ་རིམ་ལྡན་པའི་ངང་ཁ་བགོས་ཀྱི་སློབ་མ་དག་དུས་འཚམས་དབྱེ་ནས་སློབ་གྲྭར་བསྐྱར་ལོག་གི་བཀོད་སྒྲིག་ཞུས་ཟིན།
དབྱར་འགོའི་དུས་སུ། མི་རིགས་སློབ་ཆེན་གྱི་དེ་སྔའི་སྐྱེ་སྟོབས་དང་གསོན་ཤུགས་སླར་གསོ་ཐུབ་ཅིང་། སློབ་གསོ་སློབ་ཁྲིད་ཀྱི་ཐད་ལ་འཐུས་ཚང་ཞི་མཐུན་གྱི་རྣམ་པ་ཞིག་མངོན་བཞིན་མཆིས། ང་ཚོ་ལྷན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་དང་། སློབ་མ་ཕྱིར་ལོག་གི་ལས་དོན་བཅས་ལ་དུས་འཚམས་རང་བཞིན་གྱི་རྒྱལ་ཁ་གཉིས་ཐོབ་ཡོད། ད་ལྟའི་ཆར་སློབ་གྲྭ་ཁྱོན་ཡོངས་ཀྱི་དགེ་སློབ་ཡོད་དོ་ཅོག་བདེ་ཐང་བདེ་འཇགས་ཀྱི་ངང་སྔ་སོར་བཞིན་སློབ་གསོའི་བྱ་བར་གཞོལ་བཞིན་ཡོད།
གོང་སྨྲོས་ཀྱི་གྲུབ་འབྲས་དེ་དག་ནི་ཁྱིམ་བདག་རྣམས་ནས། སྔ་ཕྱི་བར་གསུམ་དུ་ངེད་སློབ་གྲྭའི་ལས་དོན་ལ། གཞོགས་འདེགས་དམ་ཟབ་གནང་བ་དང་ཁ་བྲལ་ཐབས་མེད། དམངས་བྱིངས་ནས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་དམིགས་གསལ་གཡུལ་འགྱེད་ནང་། ཁྱེད་རྣམས་ནས་མ་བསྐུལ་དང་བླངས་ཀྱིས་ང་ཚོ་དང་དཔུང་པ་མཉམ་གཤིབ་ཀྱི་ཐུན་མོང་འགན་འཁུར་འོག སློབ་མར་ཚན་རིག་དང་མཐུན་པའི་རིམས་འགོག་སློབ་གསོར་དོ་སྣང་དང་། ལུས་སེམས་བདེ་ཐང་ལ་གཅེས་སྐྱོང་། སློབ་མའི་རྒྱལ་གཅེས་བརྩེ་སེམས་སྐུལ་སྤེལ། སློབ་སྦྱོང་ལ་འཛུབ་སྟོན་བཅས་འཕྲལ་ཡུན་གཉིས་སུ་ཕན་པའི་ལས་དོན་གཉེར་ཏེ། དུས་ཡུན་རིང་པོར། སློབ་གསོ་སློབ་ཁྲིད་དང་། ཞབས་ཞུའི་དོ་དམ་ལས་དོན་བཅས་ལ་བསམ་ཤེས་དང་། རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སློབ་མ་རྣམས་སློབ་གྲྭར་སླེབས་རྗེས་སློབ་མ་ཡོངས་ཀྱི་བདེ་ཐང་བདེ་འཇགས་ལ་འགན་ལེན་ཡོང་ཕྱིར། ངེད་སློབ་གྲྭ་ནས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ཀྱི་སློབ་མའི་བདེ་ཐང་དོ་དམ་ལམ་ལུགས་བཟོས་ནས། བཀག་སྡོམ་གྱི་སྒོ་ནས་དོ་དམ་ལག་བསྟར་ནན་པོ་བྱས་ཡོད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། སློབ་གསོ་པུའུ་ཡི་རྒྱུན་གཏན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་དམིགས་ཚད་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ། ཉལ་ཁང་དང་། ཟ་ཁང་། སློབ་ཁང་། གཞུང་ལས་ཁང་། དཔེ་མཛོད་ཁང་བཅས་ཀྱི་སྤྱི་པའི་ས་ཁོངས་ཁྱོན་ལ་དུག་སེལ་དང་། ཉིན་ཐུན་གསུམ་ལ་གཟུགས་པོའི་དྲོད་ཚད་བརྟག་དཔྱད་ཚད་ལེན་བྱ་བཞིན་ཡོད་ལ། རྨི་གཅིག་གི་བདེ་འཇགས་བར་ཐག་དང་། མི་གཅིག་ཅན་གྱི་སྒྲོག་རྩེར་གཅིག་བུར་སྡོད་དགོས་པ་སོགས་ཀྱི་ལས་དོན་སྤེལ་ཡོད། སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་བཞི་དང་ལམ་ལུགས་དགུ་ཞེས་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། གཟུགས་པོའི་དྲོད་ཚད་རྒྱུན་གཏན་མིན་པའི་ཐོལ་བྱུང་གནས་ཚུལ་སོགས་སྔ་ཙམ་ཤེས་རྟོགས་དང་ལོག་སུ་དབྱེ་ཐུབ་པ་བྱས་ཤིང་། འཛིན་གྲྭ་ཁ་བགོས་ཀྱི་སློབ་ཁྲིད་བྱས་ཏེ། སློབ་ཁྲིད་ཀྱི་མི་གྲངས་ཚོད་འཛིན་དང་། དགོས་མེད་འདུ་འཛོམས་རིགས་མེད་པར་བཟོས་ཡོད་ཅིང་། སློབ་གྲྭའི་སྤྱི་པའི་ས་ཁོངས་ཁག་ཏུ་ལག་པ་འཁྲུ་སའི་སྟེགས་བུ་གསར་བཙུགས་དང་། སློབ་ཕྲུག་ཡོད་དོ་ཅོག་ལ་ལག་འཁྲུའི་ཆུ་དང་། ཁ་རས་ལ་སོགས་པའི་འགོག་སྲུང་མཁོ་ཆས་སྤྲད་ཡོད།
རིམས་ནད་ཀྱི་མདུན་དུ། མི་ཚང་མས་ཕྱར་བ་གྲུ་འདེགས་བྱ་དགོས་པས་ན། དགེ་སློབ་ཚོའི་ལུས་སྲོག་བདེ་ཐང་དང་བདེ་འཇགས་ལ་སྔར་བས་འགན་སྲུང་དང་། ཡག་ཐོག་ཡག་བརྩེགས་ཡོང་བར་དམིགས་ཕྱིར། ཁྱིམ་བདག་ཚོས་སྔར་མུས་བཞིན་སློབ་གྲྭར་རྒྱབ་སྐྱོར་དང་གཞོགས་འདེགས་དགོས་པའི་རེ་བ་གཤམ་གསལ།
ཁྱིམ་བདག་རྣམས་ཀྱིས་སློབ་གྲྭར་ཕྱིར་ལོག་པའི་སློབ་མ་རྣམས་ལ། ཉལ་ཁང་དུ་རླུང་རྒྱུག་ཏུ་འཇུག་པ་དང་། ལག་པ་བཀྲུ་བ། རྒྱུན་དུ་དུག་སེལ་བཅས་བྱ་དགོས་པ་སོགས་ཀྱི་སློབ་གསོ་དང་། སློབ་གྲྭའི་ནང་མི་མང་པོ་འཛོམས་ས་ཁག་ཏུ་གཟུགས་པོའི་དྲོད་ཚད་ལ་ལྟ་ཞིབ་ཚད་ལེན་དང་། སྨི་གཅིག་གི་བདེ་འཇགས་བར་ཐག་རྒྱུན་འཁྱོངས་དགོས་པ་སོགས་ཀྱི་གསལ་འདེབས་གནང་རོགས།
ཁྱིམ་བདག་ཀྱིས་སློབ་གྲྭར་མ་ཡོང་བའི་སློབ་མར་རང་གནས་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱར་མུ་མཐུད་བརྩི་སྲུང་དང་། རང་ངོས་ཀྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། སློབ་གྲྭའི་དྲ་ཐོག་སློབ་ཁྲིད་ལས་དོན་གྱི་བཀོད་སྒྲིག་ལྟར་རང་འགུལ་ངང་སློབ་སྦྱོང་གི་ལས་འགན་ལེགས་སྒྲུབ་བྱེད་དགོས་པ་སོགས་ཀྱི་སློབ་གསོ་རྒྱག་དགོས།
ཁྱིམ་བདག་ཚོས་སློབ་གྲྭ་དང་ཐུན་མོང་གི་སློབ་མའི་སེམས་ཁམས་བདེ་ཐང་ལ་སེམས་ཁུར་དང་། སློབ་མའི་ཧུར་བརྩོན་ཡར་སྐྱེད་ཀྱི་སྲོལ་བཟང་རྒྱུན་འཁྱོངས་དང་། རིམས་ནད་བྱུང་ཚུལ་ལ་ངོས་འཛིན་ཡང་དག ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ལ་ཁ་གཏད་དགོས་པ་སོགས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།
སློབ་གྲྭས་ལས་དོན་ཁག་མུ་མཐུད་ཡག་པོ་གཉེར་ནས། དོ་ནན་དང་ལྷག་བསམ་དཀར་པོའི་ཀུན་སློང་བཟང་པོས། ཕྲུ་གུ་ཚོར་འཕྲོད་བསྟེན་ཅན་དང་། བདེ་ཐང་ཅན། དྲོ་སྐྱིད་ཅན། ཞི་མཐུན་ཅན་གྱི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་སྤུས་དག་ཅིག་བསྐྲུན་ངེས་པས་ཁྱིམ་བདག་རྣམས་པས་ཐུགས་ཡིད་བདེ་པོ་གནང་རོགས།
ཁྱེད་རྣམས་ནས་གཙོས་པའི་ནང་མིའི་སྐུ་གཟུགས་བདེ་ཐང་དང་། བྱ་བ་ལམ་ལྷོངས་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དོན་ཁྲུའུ་དང་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་ནས།
2020ལོའི་ཟླ་བ་5པའི་ཚེས་28ཉིན།